ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་ལོ་འཁོར་རྩིས་ཁྲ།

New Project (14)

༄༅། །གནའ་དེང་ཟུང་འབྲེལ་ཤེས་རིག་གི་དཔལ་ཡོན་ལ་དུང་བ་རབ་ཏུ་ཟབ་པའི་བོད་གངས་ཅན་པའི་དོན་གཉེར་ཅན་སྤྱི་དང་སྒོས་སུ་ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་ཚོགས་མི་ཡོངས་ཀྱི་སྙན་ལམ་དུ།

སྤྱི་ལོ་2020ལོའི་ལས་འཆར་གསར་པ་ནི། ནང་ཆོས་དང་ཚན་རིག་བགྲོ་གླེང་གི་སྒྲ་སྒམ་སྟོང་ཕྲག་མང་པོ་དང་། དེ་འབྲེལ་བརྙན་ཐུང་དང་པར་རིས། གསར་གནས་ཀྱི་ཤེས་བྱ་དང་། དཔྱད་བརྗོད་དང་བསམ་ཚུལ་སོགས་སྤེལ་སའི་དྲ་ཚིགས་ཚད་ལྡན་ཞིག་བཟོ་རྒྱུ་དང་། དེ་བཞིན་ནང་ཆོས་དང་ཚན་རིག་སྐོར་གྱི་དུས་དེབ་འདོན་སྤེལ། འཕྲིན་སྟེགས་ཚད་ལྡན་བཟོ་རྒྱུ། ཚན་རིག་སྡེ་ཚན་ཁག་ལ་འབྲེལ་ལམ་གསར་འཛུགས་སོགས་ཀྱི་ལས་འཆར་རྒྱ་སྐྱེད་ཆེད་ཞལ་འདེབས་བྱུང་བ་ཟུར་གསལ་ལྟར་གཟིགས་པ་འཚལ། ང་ཚོས་ཤེས་རིག་གི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་ཐུབ་པའི་རེ་བ་བཞིན་འདས་པའི་བགྲང་བྱ་བཅུ་ལྷག་རིང་ང་ཚོས་དངོས་སུ་ཚོགས་པ་འདི་ཉིད་བརྒྱུད་ནང་ཆོས་དང་ཚན་རིག་སློབ་ཁྲིད། སྤྱིའི་རྒྱུན་ཤེས་སློབ་ཁྲིད། མདོར་ན་བརྗོད་གཞི་མི་འདྲ་བ་བརྒྱ་ལྷག་གི་ཐད་བགྲོ་གླེང་དཔྱད་བརྗོད་བྱས་ཡོད། ལྷག་པར་དུ་ཤེས་བྱའི་བགྲོ་གླེང་གི་བང་མཛོད་དེ་དག་ཡོངས་སུ་སྒྲ་འཇུག་བྱས་ཏེ་སྒྲ་སྒམ་སྟོང་ཕྲག་མང་པོ་བཟོས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱི་ཤེས་བྱའི་ལྡུམ་རར་ཅི་དགར་སྐྱེས་སུ་འབུལ་བཞིན་ཡོད། མཐར་སྔ་ལོ་ནས་བཟུང་འཕྲིན་སྟེགས་དང་དྲ་ཚིགས་གསར་བཟོ་བརྒྱུད་ནས་འཆད་ཁྲིད་འདོན་སྤེལ་བྱ་མུས་ཡིན་པས་གཞིས་བྱེས་གཉིས་ཀའི་ཤེས་བྱའི་ཞིང་སར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། དེ་ཡང་ཁྱེད་ཅག་ཚང་མའི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་པས་ཁྱེད་ཅག་ཀུན་ལ་དོན་གཉེར་བ་ཚང་མའི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཞུའོ། ། སླད་ཀྱི་ཆར་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་བསྐྲུན་པའི་སྡིངས་ཆ་འདིར་ལ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་ཞལ་འདེབས་ཅི་འབྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུ་རྒྱུ་དང་། གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་འཛམ་གླིང་སྤྱི་དང་སྒོས་སུ་བོད་ཁ་བ་གངས་ཅན་ལྗོངས་སུ་ཁྱབ་པ་དང་། དེ་བཞིན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་མཛད་འཕྲིན་ཅི་ནས་ཀྱང་རྒྱས་པར་ཤོག །

ནང་ཆོས་དང་ཚན་རིག་གླེང་སྟེགས་རྒྱུན་ལས་ཐུན་མོང་ནས་༢༠༢༡ལོའི་ཟླ་༩ཚེས་༢ཉིན་ལ།།

འབྲེལ་ཡོད་ཡིག་ཚགས་སྒྲ་སྒམ་ནང་སྙན་སེང་ཞུས་པ་གཤམ་དུ་བཀོད་ཡོད།