དབང་རྩ་ཕྲ་གཟུགས་རྣམས་ནི་ཀླད་པ་དང་རྒྱུངས་པ། མཐའ་འཁོར་དབང་རྩ་བཅས་ཚུད་པའི་དབང་རྩ་མ་ལག་གི་གྲུབ་ཆའི་རྩིག་རྨང་ལྟ་བུ་ཡིན་ལ། དེ་དག་ནི་གློག་དང་རྫས་ཀྱི་བརྡ་འཕྲིན་བརྒྱུད་ནས་བརྡ་འཕྲིན་གཏོང་ལེན་བྱེད་མཁན་གྱི་ཆེད་ལས་ཅན་གྱི་ཕྲ་ཕུང་ཡིན། དབང་རྩ་ཕྲ་གཟུགས་རྣམས་ནི་དབང་རྩ་མ་ལག་གི་ཕོ་ཉ་ལྟ་བུར་བསམ་ཆོག་དེ་དག་གིས་ལུས་ཀྱི་ཆ་ཤས་མི་འདྲ་བ་རྣམས་ཕན་ཚུན་ལ་བརྡ་འཕྲིན་གཏོང་ལེན་བྱེད་དུ་འཇུག་གི་ཡོད། འདིར་དབང་རྩ་ཕྲ་གཟུགས་ཤིག་གི་ཆ་ཤས་རྣམས་གོ་བདེ་པོར་དབྱེ་བ་ཕྱེ་ནས་བལྟ་ན། ཕྲ་ཕུང་ལུས་ནི། དབང་རྩ་ཕྲ་གཟུགས་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན། དེར་ལྟེ་ཉིང་དང་དེ་མིན་གྱི་གནད་ཆེ་བའི་དབང་ཕྲ་རྣམས་ཚུད་ཡོད། ཕྲ་ཕུང་ལུས་ཀྱིས་དབང་རྩ་ཕྲ་གཟུགས་གཞན་དག་ནས་ཡོང་བའི་བརྡ་འཕྲིན་རྣམས་བསྡུ་སྒྲིག་བྱེད། བརྡ་ལེན་རྩ་ཕྲན། དེ་དག་ནི་ཕྲ་ཕུང་ལུས་ནས་མཆེད་པའི་ཡལ་ག་ལྟ་བུའི་བཀོད་པ་རྣམས་ཡིན། བརྡ་ལེན་རྩ་ཕྲན་རྣམས་ཀྱིས་དབང་རྩ་ཕྲ་གཟུགས་གཞན་དག་ལས་ཚུར་བརྡ་ལེན་པ་དེ་དག་ཕྲ་ཕུང་ལུས་ལ་གཏོང་བར་བྱེད། བརྡ་སྐྱེལ་རྩ་ཕྲན། འདི་ནི་ཕྲ་ཕུང་ལུས་ནས་ཕྱི་ལ་རྐྱོང་བའི་ཕྲ་ཞིང་རིང་བའི་ཕྱི་སྣེ་ཞིག་ཡིན། བརྡ་སྐྱེལ་རྩ་ཕྲན་གྱིས་ཕྲ་ཕུང་ལུས་ནས་བརྡ་འཕྲིན་རྣམས་དབང་རྩ་ཕྲ་གཟུགས་གཞན་པ་རྣམས་དང་། ཤ་གནད་དག་གམ་ཡང་ན་རྨེན་བུ་རྣམས་ལ་གཏོང་བར་བྱེད། བརྡ་སྐྱེལ་རྩ་ཕྲན་གྱི་མཇུག་སྣེ། བརྡ་སྐྱེལ་རྩ་ཕྲན་གྱི་མཐའི་སྣེ་མོ་ནི་བརྡ་སྐྱེལ་རྩ་ཕྲན་གྱི་མཇུག་སྣེ་ཞེས་པའི་བཀོད་པ་ཆུང་ཆུང་ཞིག་ཡིན། དེས་དབང་རྩ་འཕྲིན་པ་ཞེས་པའི་རྫས་འགྱུར་གྱི་འཕྲིན་པ་རྣམས་གློད་གཏོང་བྱེད།…
དབང་རྩ་ཚན་རིག་ནི་དབང་རྩ་མ་ལག་གི་རྙོག་འཛིང་ཆེ་བའི་བྱེད་ལས་ལ་རྟོག་ཞིབ་བྱེད་པའི་ཡིད་དབང་འཕྲོག་པའི་ཚན་རིག་གི་ཁྱབ་ཁོངས་ཤིག་ཡིན། གཤམ་དུ་ང་ཚོས་དེ་ཡི་གཞི་རྩའི་གནས་ཚུལ་ཁག་ལ་ཞིབ་ཏུ་བལྟ། ༡ དབང་རྩ་ཚན་རིག་ནི་ཅི་ཞིག་ཡིན་ནམ། དབང་རྩ་ཚན་རིག་གིས་རྩ་བའི་དབང་རྩ་མ་ལག་ལ་ཞིབ་འཇུག་བྱེད་པ་ཡིན། དབང་རྩ་མ་ལག་ནི་ང་ཚོའི་བསམ་བློ་དང་། མྱོང་ཚོར། འགུལ་སྐྱོད། ཚོར་བ་བཅས་ལ་འགན་འཁུར་བའི་ཕྲ་ཕུང་དང་བཀོད་པའི་དྲ་རྒྱ་རྙོག་འཛིང་ཅན་ཞིག་ཡིན། མ་ལག་འདི་གར་སྟེགས་རྒྱབ་ཀྱི་ལས་མི་དང་འདྲ་བར་ང་ཚོའི་ཤེས་ཚོར་གྱི་མྱོང་བའི་ཆ་ཤས་ཐམས་ཅད་བཀོད་འདོམས་བྱེད་ལ་འདི་ཡི་ཆ་ཤས་གཙོ་བོ་ཞིག་ནི་ཀླད་པ་དེ་ཡིན། ༢ ཀླད་པ། ང་ཚོའི་བཀོད་འདོམས་ལྟེ་གནས། ཀླད་པ་ནི་དབང་པོ་གཞན་ཞིག་མ་ཡིན་པར། དེས་ང་ཚོ་སུ་ཡིན་པ་གཏན་ལ་འབེབས་པར་མ་ཟད། གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་བྱ་བ་བྱེད་པ་དང་། བསམ་བློ་བསྐྱེད་པ། ལུས་ཀྱི་བྱེད་ལས་ལ་སྟངས་འཛིན་བྱེད་པ་ཡང་ཡིན། དབང་རྩའི་ཕྲ་ཕུང་ཐེར་འབུམ་མང་པོ་འདུས་པའི་ཀླད་པས་རྙོག་འཛིང་ཆེ་བའི་བརྡ་ལམ་མང་པོ་གྲུབ་ཅིང་། དེ་དག་གློག་གི་འཕར་བརྡ་དང་རྫས་འགྱུར་གྱི་བརྡ་འཕྲིན་བརྒྱུད་ནས་ལུས་ཀྱི་ཆ་ཐམས་ཅད་ལ་བརྡ་འཕྲིན་གཏོང་ལེན་བྱེད།…
ནང་ཆོས་དང་ཚན་རིག་གླེང་སྟེགས་ནས་ཁྱབ་སྤེལ། བོད་ཀྱི་སྐད་རིག་དང་གནའ་དེང་ཤེས་རིག་ཀུན་ལ་དུང་བ་ཟབ་པའི་དོན་གཉེར་ཅན་ལྷན་རྒྱས་ལ། ཆེད་ཞུ། སྐད་བཞི་དང་འབྲེལ་བའི་བརྗོད་པ་ཕན་ཚུན་མཚུངས་བསྡུར་གསེར་གྱི་ཟམ་པ་ཞེས་བྱ་བའི་དཔེ་དེབ་གསར་པ། རྩོམ་པ་པོ། རྭ་སྟོད་མཁན་ཟུར་ཚུལ་ཁྲིམས་ཕུན་ཚོགས། དེབ་འདིའི་ནང་སཾ་སྐད་དང་། ཧིན་སྐད། བོད་སྐད། ཨིན་སྐད་བཅས་བཞི་སྦྲགས་མ་དེ་ནི། དེང་དུས་སྐད་རིགས་ཕན་ཚུན་སྒྱུར་རེས་བྱེད་པ་སོགས་དང་ཤིན་ཏུ་འབྲེལ་བ་ཆེ་ཞིང་། དེར་ཕན་པའི་རྩོམ་འགྲོས་གསར་པ་ཅན་གྱི་དཔེ་དེབ་གསར་པའི་སྐོར་ནང་ཆོས་དང་ཚན་རིག་གླེང་སྟེགས་སུ་གསུང་བཤད་ངོ་སྤྲོད་ཞུས་པ་དྲ་ཐག་འདི་ཐོག་ནས་ https://t.me/scienceandbuddhism གསན་ཐུབ་པ་དང་། དོན་གཉེར་ཅན་རྣམས་ནས་དེབ་གསར་འདི་ནས་རིན་མེད་ཐོག་གཟིགས་ཐུབ། དུས་ཚོད། ༢༠༢༤ཟླ་༧་ཚེས་༦། རེས་གཟའ། སྤེན་པ། རྒྱ་གར་དུས་ཚོད།…