ནང་ཆོས།

༡༢༣

13 Jun: བཀའ་གནད་བརྒྱད་ཀྱི་རྣམ་བཞག་བརྒལ་ལན།

དེ་ཡང་གསལ་བཤད་ཅུང་ཙམ་ཞུ་འདོད་པ་ནི། ལྷག་བསམ་ཅན་གྱི་ཚོགས་གཙོ་དགེ་བཤེས་འབྱོར་མཆོག་ལགས་ནས་ཚོགས་པ་འདིའི་ནང་ཟབ་དོན་དབུ་མའི་སྐོར་ལ་བགྲོ་གླེང་སྣེ་ཁྲིད་པ་བྱེད་དགོས་ཞེས་བཀའ་ཕེབས་པ་དང་ཉིན་ཤས་སྔོན་ལ་ནང་ཆོས་དང་ཚན་རིག་གླེང་སྟེགས་ཞེས་པའི་ཚོགས་པ་ཆེན་པོ་འདིའི་ནང་མཁས་དབང་འགའ་ཞིག་གིས་ཀུན་མཁྱེན་གོ་རམས་པ་ཆེན་པོས་རྗེ་བླ་མར་དགག་པ་མཛད་པ་དེ་ལ་ལན་རྣམ་དག་ཅིག་མེད་པའི་གཏམ་མང་པོ་ཞིག་སྨྲ་བཞིན་འདུག་པས་དེ་ལ་དགག་ལན་གྱི་ཚུལ་དུ་གོ་རམས་པས་རྗེ་བླ་མར་དགག་པ་མཛད་པ་རྣམས་ལ་ལན་ཇི་ལྟར་འདེབས་པའི་ཚུལ་དང་མ་ཟད་རྗེ་བླ་མའི་ལྟ་བའི་ལེགས་བཤད་ཆེན་མོ་ལྔ་རུ་གསུངས་པའི་དབུ་མའི་ཟབ་གནད་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པར་འགྲོ་ཚུལ་སོགས་ལུང་རིགས་གཉིས་ཀྱི་སྒོ་ནས་བརྒལ་ལན་གསལ་བའི་མེ་ལོང་འདི་བྲིས་ཁུལ་བྱས་པ་ལགས།     དགའ་ལྡན་དགོན་གྱི་གྲྭ་རིགས་པ་སྨྲ་བ་གྲགས་པ་འཕྲིན་ལས་སམ།འབྲོག་ཕྲུག་ནས།     ༢༠༢༢་༩་༢༨་གཟའ་ལྷག་པ་ཉིན་སྤེལ་བ་དགེའོ། །

23 Oct: བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་དཔེར་བརྗོད་སོགས་ཀྱི་ཡིག་ཚགས་ཕྱོགས་བསྡུས་རྩོམ་བསྡུའི་རེ་སྐུལ་གསལ་བསྒྲགས།

བཀུར་འོས་ལྷན་རྒྱས་རྣམ་པ་ལ་ཞུ་རྒྱུར་སྐུ་ཉིད་ལ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་འབྲེལ་བའི་དཔྱད་རྩོམ་དང་དཔེར་བརྗོད་སོགས་གཞན་ལ་ཁྱབ་སྤེལ་དགོས་ངེས་ཅན་ཡིན་ཚེ་ང་ཚོ་ལ་གནང་བ་ཞུ། རིང་མིན་<<བོད་ཀྱི་བརྡ་སྤྲོད་ཀུན་བཏུས་ཕྱོགས་བསྒྲིགས་>>དེབ་ཕྲེང་གང་མང་ཞིག་འཕྲུལ་དེབ་བཟོ་ནས་རིན་མེད་ཐོག་སྤེལ་འཆར་བཅས། དོ་བདག་རང་ཉིད་ཀྱིས་ཞུས་དག་འཐུས་ཚང་གནང་སྐྱོང་ཡོང་བ་ཞུ། གློག་འཕྲིན་ཁ་བྱང་། Email address: sciencemeetsbuddhism@gmail.com ཡང་ན།jorchok@yahoo.co.inའདིས་ཐོག་བསྐུར་གནང་རོགས། ནང་ཆོས་དང་ཚན་རིག་ཚོགས་པའི་ཚོགས་གཙོ་དགེ་བཤེས་འབྱོར་མཆོག་གིས། ༢༠༢༠ཟླ་༡༠ཚེས་༢༠ཉིན་ལ། །  

Darjay-Ghompa-Outside

18 Aug: ཆོས་འབྱུང་གླིང་། སྔགས་བཀླག་ཐབས། བོད་ཀྱི་བརྡ་སྤྲོད། ལོ་རྒྱུས་སོགས་ཀྱི་འཆད་འཁྲིད་འབྲེལ་ཐག་ཕྱོགས་བསྡུས།

སྒྲིག་ལམ་དོ་དམ་<<ཚོགས་གཙོ>>དགེ་བཤེས་འབྱོར་མཆོག