༄༅། །ནང་ཆོས་དང་ཚན་རིག་གླེང་སྟེགས། ། ཚན་རིག་སྤྱི་བཤད་དང་འདྲི་བ་དོན་བརྒྱད་པ་ཕྱོགས་ གཅིག་ཏུ་བསྡུས་པ།

scienceandbuddhism01

ཚོགས་གཙོ།
དགེ་བཤེས་འབྱོར་མཆོག
འཆད་ཁྲིད་དང་དྲིས་ལན་པ།
འོད་རླབས་སོགས།
སྒྲ་འཇུག་བ། ས་ཝ་རཱ་ཇ། ཤེས་རབ་འཚོལ།
འཕྲིན་སྟེགས་སྒྲིག་འགོད་པ། བོད་སྐད་དྭངས་མ།
ཀོ་ཀི་ལ། ཡར་ཆབ་ཆུ་རྒྱུན།
ཚོགས་མི་ལྔ་བརྒྱ་ཐམ་པ་མཉམ་ཞུགས། – 2018

ཚན་རིག་སྤྱི་བཤད་དང་འདྲི་བ་དོན་བརྒྱད་པ་ཕྱོགས་གཅིག་ཏུ་བསྡུས་པ།

– ཚན་རིག་སྤྱི་བཤད་དང་འདྲི་བ་དོན་བརྒྱད་པ། –

སྒྲ་སྒམ་ཚན་པ་དང་པོ།

དྲི་བ་དང་པོ། དྲི་འདོན་པ། དྲ་གྲོགས་ཐོགས་མེད།
འོད་རླབས། Light Wave འབར་གས་ཆེན་མོའི་སྔོན་གྱི་གནས་སྟངས་ཇི་འདྲ་ཡིན་པར་ཚན་རིག་པར་གསར་རྙེད་དམ་འགྲེལ་བརྗོད་གསར་བ་ཇི་འདྲ་ཞིག་ཡོད་པ་རེད། བཀའ་དྲིན་ཆེ།

དྲི་བ་གཉིས་པ། དྲི་འདོན་པ། ལྡོང་དགེ་རྩེ་བ།
འོད་རླབས། Light Wave ཁྱེད་ཀྱིས་བརྟག་དཔྱད་ཀྱི་གྲུབ་དོན་དེ། ཚོད་བཞག་དང་མ་མཐུན་ན་ཡང་བསྐྱར་དུ་བརྟག་དགོས་པ་དང་། མཐུན་ན་དེ་ག་རང་གིས་ཆོག་པ་ལྟ་བུར་གསུངས་སོང་། དེ་ལྟ་ན། བརྟག་དཔྱད་ཀྱི་གྲུབ་དོན་དེ་ངེས་པར་དུ་ཚོད་བཞག་དང་མཐུན་དགོས་པ་ཡིན་ནམ། གལ་སྲིད་མ་མཐུན་ན།
དྲི་བ་གསུམ་པ། དྲི་འདོན་པ། མི་མངོན་པའི་སེམས།
༡དངོས་ཁམས་ཚན་རིག་པ་དག་གིས་རང་བྱུང་ཁམས་འཇིག་རྟེན་འདི་ཐོག་མར་འབར་གས་ཆེན་པོ་ཞིག་གི་རྐྱེན་བྱས་པ་ལ་བརྟེན་ནས་གྲུབ་པ་སྨྲས་ན་འབར་གས་དེ་ཁོ་རང་གང་ནས་བྱུང་རེད་རྐྱེན་ཅི་ཡིས་གྲུབ་པར་རེད་དམ།

དྲི་བ་བཞི་པ། དྲི་འདོན་པ། མི་མངོན་པའི་སེམས།
༢མུ་མཐའ་མེད་མཁའ་དབྱིངས་སུ་སྣོད་ཀྱི་འཇིག་རྟེན་གྲངས་མེད་པ་ཞིག་ཡོད་ན། གོ་ལ་གཞན་དང་འཇིག་རྟེན་གཞན་དུ་མི་འདྲ་བའི་མཐོ་རིམ་གྱི་སྲོག་ཆགས་གཞན་ཡོད་པ་ཚན་རིག་པས་ཚོར་རམ།
དྲི་བ་ལྔ་པ། དྲི་འདོན་པ། མི་མངོན་པའི་སེམས།
ཚན་རིག་པ་ནེའུ་ཊོན་གྱིས་འོད་རིག་པ་འདི་ཉིད་གསར་གཏོད་བྱས་ན་ཡོད་ན། དེའི་སྔོན་དུ་ནེའུ་ཊོན་ལས་གཞན་པའི་ཤར་ནུབ་ཀྱི་ཤེས་རིག་སྣ་འདྲ་མིན་ལ་ཚན་རིག་པ་ནེའུ་ཊོན་གྱིས་འོད་རིག་པ་འདི་ཉིད་གསར་གཏོད་བྱས་ན་ཡོད་ན། དེའི་སྔོན་དུ་ནེའུ་ཊོན་ལས་གཞན་པའི་ཤར་ནུབ་ཀྱི་ཤེས་རིག་སྣ་འདྲ་མིན་ལ་མཁས་པའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཚོས་འོད་རིག་པའི་འགྲོས་ཚོར་ཡོད་དམ།
དྲི་བ་དྲུག་པ། དྲི་འདོན་པ། མི་མངོན་པའི་སེམས།
༤འོད་ཟེར་བ་འདི་ཉིད་རྡུལ་ཞིག་ཡིན་པའི་དབང་དུ་བྱས་ན། འདི་འབྱུང་བཞི་གང་རུང་གི་རྡུལ་ཡིན་ནམ། འོ་ན་གཞན་ཞིག་ཡིན།ཞིབ་ཏུ་དཔྱད་ན་འབྱུང་བཞི་ཡང་མ་ཡིན་པའི་རྡུལ་གསར་པ་རྙེད་རྒྱུ་ཡོད་དམ་མེད།

སྒྲ་སྒམ་ཚན་པ་གཉིས་པ།

དྲི་བ་བདུན་པ། དྲི་འདོན་པ། མི་མངོན་པའི་སེམས།
༥འོད་ལས་ཀྱང་མགྱོགས་ཚད་མྱུར་བའི་ནུས་པ་གཞན་ཞིག་ཚན་རིག་གི་ལམ་ནས་ངོས་འཛིན་ཐུབ་ཡོད་དམ། ནང་རིག་གིས་བཤད་པའི་སེམས་ཀྱི་མྱུར་ཚད་དང་ཚན་རིག་གིས་བཤད་པའི་འོད་རླབས་གཉིས་བར་དུ་མྱུར་ཚད་ཀྱི་ཁྱད་པར་ཡོད་དམ།

དྲི་བ་བརྒྱད་པ། དྲི་འདོན་པ། མི་མངོན་པའི་སེམས།
༦ཨེ་ཡིན་སི་ཊན་གྱིས་ལྟོས་གྲུབ་ཀྱི་རིག་པ་བཤད་པའི་ཤེས་རིག་དེའི་ནང་དུ་ཆེས་ཕྲ་ཤོས་ཀྱི་ཟབ་གནད་གང་འདྲ་ཡོད་དམ། དམིགས་བསལ་དུ་ཟླ་གྲགས་ལ་སོགས་པའི་གཞུང་ནས་བཤད་པའི་ལྟོས་ཕྲ་མོ་དེ་དག་ལ་ཧེ་བག་ག་འདྲ་ཡོད་དམ།

དྲི་བ་དགུ་པ། དྲི་འདོན་པ། མི་མངོན་པའི་སེམས།
༧ཨེ་ཡིན་སི་ཊན་གྱིས་ལྟོས་གྲུབ་ཀྱི་རིག་པའི་ཁྱབ་ཁོངས་ནས་བལྟས་ན་ཁྲག་ལ་སོགས་པའི་མིའི་གཟུགས་ཕུང་གི་སྟེང་དུ་ཡོད་པའི་རྡུལ་ཕྲན་ཐམས་ཅད་ཐོག་མའི་ཡོང་ཁོངས་གང་ནས་ཡིན་པར་ཚོར་གྱི་ཡོད་དམ།

དྲི་བ་བཅུ་པ། དྲི་འདོན་པ། མི་ཡུལ་གྱི་འཚོ་བ།
འོད་རླབས། Light Wave དགེན་འོད་རླབས་ལགས་འབར་ཆེན་མོའི་རྣམ་བཞག་འདི་ཚན་རིག་པ་ཕར་ཆེར་བའི་ཁས་ལེན་པ་ཨི་རེད་ལགས་འདི་ཚན་རིག་པ་སུས་སྲོལ་གཏོད་པར་རེད་འདི་ལས་གཞན་པ་འཇིག་རྟེན་གྱི་ཐོག་མར་གྲུབ་ཚུལ་གྱི་ཐད་ནས་ཚན་རིག་པ་རྣམ་བཞག་གཞན་དག་ཡོད་རེད་དམ་མ་རེད།

དྲི་བ་བཅུ་གཅིག་པ། དྲི་འདོན་པ།ཀྱལ་ཕུགས་པ།
འོད་རླབས། Light Wave དགེན་ལགས་ཐུགས་རྗེ་ཆེ་ཞུ། ཨེ་རི་སི་ཊོ་ཊོལ་གྱིས་འདོད་པའི་འབྱུང་བཞིའི་འདོད་ཚུལ་དང་ནང་ཆོས་ཀྱི་འབྱུང་བཞིའི་རྣམ་གཞག་བར་ལ་ཕན་ཚུན་རྟེན་བྱུང་གི་ཤུགས་རྐྱེན་འདྲ་ཐེབས་ཡོད་མེད་སྐོར་ནས་ལན་རེ་གནང་བའི་རེ་བ་ཡོད།

སྒྲ་སྒམ་ཚན་པ་གསུམ་པ།

དྲི་བ་བཅུ་གཉིས་པ། དྲི་འདོན་པ། ཀྱལ་ཕུགས་པ།
འོད་རླབས། Light Wave དགེན་ལགས་འཕེལ་འགྱུར་སྨྲ་བའི་ལུགས་ལ་སེམས་ཅན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་སོང་བ་ཞིག་རེད་ལ། དེ་ལྟར་གསུང་ཚེ་ནང་ཆོས་ཀྱིས་འཁོར་བ་ལ་ཐོག་མ་མེད་ཚུལ་གསུང་བ་ལ་གནོད་འདུག་གམ། ལན་གནང་རྒྱུར་རེ་བ་ཤིན་ཏུ་ཆེ་ལགས།

དྲི་བ་བཅུ་གསུམ་པ། དྲི་འདོན་པ། ཀྱལ་ཕུགས་པ།
གསལ་ཞིང་རིག་པའི་ཤེས་པ་དང་མིའི་རང་གཤིས་དེ་ཕ་མའི་རིགས་རྫས་ཀྱི་རྒྱུན་ཨེ་རེད་ལགས། དྲི་བ་འགྲིག་མེད་ན་དགོངས་དག།

དྲི་བ་བཅུ་བཞི་པ། དྲི་འདོན་པ། མི་མངོན་པའི་སེམས།
འོད་རླབས། Light Wave རྫས་འགྱུར་ཚན་རིག་གི་ལམ་ནས་བཤད་པའི་ཕྲ་ཕུང་དང་མངོན་པ་མཛོད་ཀྱི་སྐབས་ནས་བཤད་པའི་རྡུལ་ཕྲན་ཆ་མེད་དང་དུས་འཁོར་གྱི་སྐབས་ནས་བཤད་པའི་བཤད་པའི་སྟོང་བའི་རྡུལ་ཕྲན་དག་ལ་ཉིད་ཀྱིས་བསམ་ན་ཧེ་བག་ག་ཚོད་ཅིག་ཡོད་ས་རེད།

དྲི་བ་བཅོ་ལྔ་པ། དྲི་འདོན་པ། མི་མངོན་པའི་སེམས།
ནང་པའི་གཞུང་ཆེན་གསང་སྔགས་བླ་མེད་སོགས་ཀྱི་སྐབས་ནས་བཤད་པའི་རྩ་རླུང་འཕྲུལ་འཁོར་གྱི་གནས་ཚད་དང་སྐྱེ་དངོས་ཚན་རིག་གིས་བཤད་པའི་ལུས་གསེབ་ཀྱི་དབང་པོ་གྲུབ་ཚུལ་དང་ལུས་ཀྱི་མ་ལག་སོ་སོའི་དབང་ཤུགས་ཀྱི་གནས་ཚད་བཤད་པ་དེ་དག་ལ་ཁྱད་པར་ག་འདྲ་ཡོད་དམ།

དྲི་བ་བཅུ་དྲུག་པ། དྲི་འདོན་པ། མི་མངོན་པའི་སེམས།
གཞན་སྡེ་རྒྱང་འཕེན་པ་ལ་སོགས་པ་འགའ་ཞིག་གིས་འཁོར་བའི་སྣོད་བཅུད་ཐམས་ཅད་ངོ་བོ་ཉིད་ཀྱིས་བྱུང་བའམ་རང་བྱུང་གིས་བྱུང་བ་སྨྲ་བ་དེ་དང་ཚན་རིག་པ་འགའ་ཞིག་གིས་རང་བྱུང་གོ་སྒྲིག་གི་དབང་གིས་བྱུང་བ་སྨྲ་བ་དེ་དག་ལ་ཁྱད་པར་ག་འདྲ་ཡོད་དམ།

དྲི་བ་བཅུ་བདུན་པ། དྲི་འདོན་པ། ཀྱལ་ཕུགས་པ།
ས་གཞིའི་སྟེང་དུ་གཞི་རྒྱ་ཆེན་པོ་བྱས་ནས་ཉི་གློག་གི་ཤེལ་ལེབ་བཏིངས་པ་དེས་རང་བྱུང་ཁོར་ཡུག་ལ་གནོད་པ་ཡོད་དམ། དྲི་བ་འགྲིག་མེད་ན་དགོངས་དག

དྲི་བ་བཅོ་བརྒྱད་པ། དྲི་འདོན་པ། ཤར་ལྡོང་།
ད་ལྟ་ང་ཚོའི་གནས་གཞིའི་བར་སྣང་འདི་རྟག་མི་རྟག་གང་གི་ངོ་བོར་གྲུབ་བམ་ལགས། འདི་དང་ཕྱི་རོལ་གྱི་བར་སྣང་སྟོང་སང་གཉིས་ཀྱི་བར་ལ་ཁྱད་པར་ཇི་ལྟར་ཡིན།

སྒྲ་སྒམ་ཚན་བཞི་པ།

དྲི་བ་བཅུ་དགུ་པ། དྲི་འདོན་པ། ཤར་ལྡོང་།
དངོས་ཁམས་རིག་པ་བ་ཚོས་དུས་ངོས་འཛིན་པའི་སྐབས།དངོས་པོ་གང་ཞིག་གི་འགུལ་སྤྱོད་ཀྱི་རྒྱང་ཐག་དེ་མྱུར་ཚད་ལ་བགོས་ན་དུས་ཚོད་རག་གི་ཡོད་པ་དང་། དུས་ཚོད་དང་མྱུར་ཚད་གཉིས་ཕན་ཚུན་ཇི་ལྟར་བསྒྱུར་ཡང་རྒྱང་ཐག་དེ་རག་གི་ཡོད་པར་ཡང་བཤད་འདུག་ན། དུས་ཟེར་བ་ནི་དེ་འདྲའི་རྒྱང་ཐག་དེ་ལ་ངོས་འཛིན་དགོས་སམ་དགོས་ན་དུས་ནི་བར་སྣང་ཡིན་ནམ་ལགས། མ་གཞི་དུས་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་མིན་ཞིག་གསུངས་རོགས་ལགས།

དྲི་བ་ཉི་ཤུ་པ། དྲི་འདོན་པ། ཀེ་ལ་ཤ།
མེ་ཏོག་རྩི་ཤིང་རིགས་ཀྱིས་འབུ་འཛིན་ཤེས་པ་སོགས་དང་། སེམས་ཅན་གྱི་ཚོར་འདུ་གཉིས་ལ་དབང་པོ་ཡོད་མེད་བཅས་རྩ་བའི་རྒྱུ་དང་ངོ་བོའི་ཁྱད་པར་གང་ཡོད་གསུང་རོགས།

དྲི་བ་ཉེར་གཅིག་པ། དྲི་འདོན་པ། ཀེ་ལ་ཤ།
འཕྲུལ་མིའི་རིག་པ་འཕེལ་རྒྱས་ཆེན་པོར་སོང་ན་སྐྱེ་བ་སྔ་ཕྱི་ལ་གནོད་མིན་དཔྱད་བརྗོད་གནང་བར་ཞུ།

དྲི་བ་ཉེར་གཉིས་པ། དྲི་འདོན་པ། ཁ་བའི་དབྱངས་གསལ།
དབང་རྩ་ཚན་རིག་ཁོངས། དགེ་འོད་རླབས་ནས།ལྟེ་བའི་དབང་རྩ་མ་ལག་གི་ཆ་ཤས་ཀླད་པའི་ནང་དུ་དབང་རྩ་ཕྲ་གཟུགས་གྲངས་༡༠༠༠༠༠༠༠༠༠༠༠/ཁྲག་ཁིག་གཅིག་ཡོད་པར་བསྟན་པ་ལྟར་འགྲོ་བ་མིའི་དབང་པོ་ལྔའི་བརྒྱུད་ནས་ཕྱིའི་གནས་ཚུལ་རྣམས་ཀླད་པའི་བར་སྐྱེལ་འདྲེན་བྱེད་པའི་དབང་རྩ་ཕྲ་གཟུགས་ལ་མང་ཉུང་ཡོད་མེད་དང་། དེ་ལྟ་གྲངས་ག་ཚོད་རེ་ཡོད་མེད་དེ་ཁ་གསལ་ཡོད་དམ།

དྲི་བ་ཉེར་གསུམ་པ། དྲི་འདོན་པ། ཁ་བའི་དབྱངས་གསལ།
སྐྱེས་དངོས་ཚན་རིག་ཁོངས། Charles darwin.གི་ཚེ་སྲོག་གི་སྡོང་པོའི་བཤད་པ་ལས་འཕྲོས་པའི་སྐྱེས་ལྡན་ཡོད་དོ་ཅོག་ཐོག་མའི་མེས་པོ་གཅིག་དེར་ཚན་རིག་པ་ཚོས་འགྲེལ་བཤད་གསལ་པོ་ཞིག་གནང་ཐུབ་ཀྱི་མེད་པར་འདྲ་གསུངས་སོང་། དེ་ལྟར་ཡིན་ན་ཐོག་མའི་མེས་པོ་དེར་མཐོ་རིམ་སྲོག་ཆགས་ནང་བཞིན་ཆ་རྐྱེན་འཛོམས་པོ་ཞིག་དགོས་པར་ཁས་ལེན་དགོས་སམ། གཞན་དུ་ན་ཐོག་མའི་མེས་པོ་ཞེས་རྫས་སྣ་གཅིག་གཉིས་ཤིག་འཆིང་སྦྱོར་བྱས་པའི་ནུས་པ་ཞིག་ལ་ངོས་འཛིན་ན་སྐྱོན་ཆ་གང་ཡོད་དམ།

སྒྲ་སྒམ་ཚན་པ་ལྔ་པ།

དྲི་བ་ཉེར་བཞི་པ། དྲི་འདོན་པ། ཁ་བའི་དབྱངས་གསལ།
རྫས་འགྱུར་ཚན་རིག་ཁོངས།ཚན་རིག་པས་འཛམ་གླིང་གི་སྣོད་བཅུད་ཐམས་ཅད་རྩ་རྫས་ཁག་མི་འདྲ་བ་རྣམས་འཆིང་སྦྱོར་བྱེད་སྟངས་མི་འདྲ་བའི་དབང་གིས་བྱུང་བར་འགྲེལ་བཤད་ཡོད་མོད། འོན་ཏང་རྒྱལ་སྤྱིའི་གཏན་འབེབས་ཟིན་པའི་༡༡༨/ལས་༩༢/ དེ་རང་བྱུང་ཁམས་ནས་རྙེད་སོན་བྱུང་ཡོད་པ་དང་། ༢༦/དེ་བཟོ་གྲྭ་ལས་བསྐྲུན་པ་རེད་ཅེས་དུས།ཡང་སྙིང་རྩ་ཟེར་བ་ངོས་གང་འདྲ་ཤིག་ལ་འཛིན་དགོས་སམ། བཟོ་གྲྭ་ལས་བཟོས་པའི་རྩ་རྫས་རྣམས་ག་རེའི་ཆེད་དུ་བཟོས་པ་རེད་དམ། སྐྱོན་དང་ནོར་བ་ཆེ་ན་བཟོད་གསོལ་ཞུ།

དྲི་བ་ཉེར་ལྔ་བ། དྲི་འདོན་པ། ཀེ་ལ་ཤ།
དྲི་བ།ཕྲ་ཕུང་བེམ་པོ་ཡིན་ཞིང་། ཕྲ་ཕུང་གི་རྒྱུ་ཕྲ་ཕུང་དགོས་ཞེས་པ་དང་། བེམ་གཟུགས་ཐམས་ཅད་རླབས་ནུས་དང་རྩ་རྫས་ལས་གྲུབ་པར་འདོད་པ་གཉིས་མི་འགལ་ལམ།

དྲི་བ་ཉེར་དྲུག་པ། དྲི་འདོན་པ། ཀེ་ལ་ཤ
འོད་རྡུལ་ཡང་རྩ་རྫས་དག་གིས་གྲུབ་པ་མིན་ནམ། ཡིན་ན་དེ་ལ་གདོས་ཚད་མེད་དོན་ཅི། དེ་ནུས་རླབས་ཙམ་ཡིན་ན་མ་གཏོགས། རླབས་གཞན་ཀུན་གདོས་བཅས་ཀྱི་རྡུལ་ལས་གྲུབ་མི་དགོས་སམ།

དྲི་བ་ཉེར་བདུན་པ། དྲི་འདོན་པ། ཀེ་ལ་ཤ
ཚ་དྲོད་དག་ཀྱང་རྡུལ་གྲུབ་ཡིན་མི་དགོས་སམ།དགོས་ན་གས་འཐོར་འགྲུབ་བྱེད་ཀྱི་ཚ་དྲོད་དེ་ཅི་ལགས།

དྲི་བ་ཉེར་བརྒྱད་པ། དྲི་འདོན་པ། ཀེ་ལ་ཤ
དུས་ཡིན་ན་བར་སྣང་ཡིན་དགོས་ན། ཀ་བུམ་སོགས་ཀྱི་དུས་དེ་བར་སྣང་ཡིན་ཚུལ་ཇི་ལྟར་ལགས།
དྲི་བ་ཉེར་དགུ་པ། དྲི་འདོན་པ། སྟོབས་ཤུགས།
ཚན་རིག་པས་ལུས་ཡོངས་རྫོགས་དབང་སྒྱུར་བྱེད་མཁན་དེ་དབང་རྩ་འམ་ཀླད་པ་ཡིན་པ་འདོད་ན་མིག་གི་དབང་རྩས་སྣ་ཡི་དྲི་དང་རྣ་བའི་སྒྲ་ལྕེ་ཡི་རོ་ལ་སོགས་པའི་བྱེད་ནུས་རྣམས་ཐག་གཅོད་མི་ཐུབ་པའི་རྒྱ་མཚན་ཅི།

དྲི་བ་སུམ་ཅུ་པ། དྲི་འདོན་པ། སྟོབས་ཤུགས།
མིག་དབང་གི་ཕྱི་ཡི་དངོས་པོའི་མདོག་དང་དབྱིབས་རྣམས་མཐོང་ཐུབ་པའི་ནུས་པ་ཡོད་པ་གང་ཞིག་ལ་ཐག་གཅོད་མི་ཐུབ་པའི་རྒྱ་མཚན་ཅི།
དྲི་བ་སོ་གཅིག་པ། དྲི་འདོན་པ། སྟོབས་ཤུགས།
བར་སྣང་གི་སྐར་མ་གཞན་པའི་སྐར་རྡོ་སའི་གོ་ལའི་སྟེང་དུ་ལྷུང་ཐུབ་པ་ཨི་རེད་ལགས། ཐུབ་ན་རྡོ་དེ་ཆེ་ཆུངདང་་དབྱིབས་ཁ་མདོག་ཡང་ལྗི་གཅིག་གསལ་བཤད་གནང་རོགས་ཞུ་ཞུ།

དྲི་བ་སོ་གཉིས་པ། དྲི་འདོན་པ། མདའ་སྣུན་པ།
ཚན་རིག་པས་གཟུགས་ཅན་ཕྲ་རག་ཐམས་ཅད་དམ་མཐའ་དག་གི་མྱུར་ཚད་རྟོགས་ཐུབ་བམ། ཐུབ་ན་རྣམ་ཤེས་ཀྱི་རྟེན་རླུང་ཕྲ་མོའི་མགྱོགས་ཚད་ཇི་ལྟར་བཞད། འོད་དང་བྱས་ན།

སྒྲ་སྒམ་ཚན་པ་དྲུག་པ།

དྲི་བ་སོ་གསུམ་པ། དྲི་འདོན་པ། དད་པའི་འོད་སྣང་།
ཁྱིམ་ཚང་འགའ་རེ་ལ་བུ་རྐྱང་རྐྱང་དང་ལ་ལ་བུ་མོ་རྐྱང་རྐྱང་མ་གཏོགས་སྐྱེ་རྒྱུ་མེད་པ་དེ་དག་ལ་ཚན་རིག་པས་འགྲེལ་བཤད་ག་རེ་རྒྱག་གིན་རེད། རང་གི་རིགས་རྒྱུད་སྤེལ་བའི་ཕྲ་ཕུང་རྩ་བ་ནས་མེད་པའི་སྐྱེས་པ་དང་བུད་མེད་ཡོད་རེད་དམ་ལགས།

དྲི་བ་སོ་བཞི་པ། དྲི་འདོན་པ། དད་པའི་འོད་སྣང་།
སྲན་མེ་དཀར་དམར་གཉིས་ཀྱི་ས་བོན་མཉམ་དུ་འདེབས་སྐབས་ནུས་པ་མངོན་མི་མངོན་དེ་རྒྱུ་རྐྱེན་ཅི་ཞིག་གིས་ཁ་ལོ་བསྒྱུར་བ་རེད།

དྲི་བ་སོ་ལྔ་བ། དྲི་འདོན་པ། དད་པའི་འོད་སྣང་།
དྲན་ཤེས་དང་བསམ་ཤེས་དེ་ཀླད་པ་ཁོ་ན་ལ་རག་མ་ལས་ན། རྩི་ཤིང་གི་རིགས་ལ་དེ་མེད་པ་ཅི་རེད། དྲན་ཤེས་ཀྱི་ཕྲ་ཕུང་ཟེར་བ་ཁ་ཁ་ཡོད་རེད་དམ་ལགས།དེ་ཡོད་ན་མེ་ཏོག་ལ་སོགས་པའི་ཕྲ་ཕུང་དང་སྡེབ་སྦྱོར་བྱས་ནས་མཚར་ལོང་འབྱུང་ཐུབ་པའི་རེ་བ་ཡོད་མེད་དང་། དེ་དང་དེའི་རྒྱུ་མཚན་གང་ཡིན་གསུང་རོགས་ལགས།

དྲི་བ་སོ་དྲུག་པ། དྲི་འདོན་པ། དད་པའི་འོད་སྣང་།
ཚེ་འདིར་ཐོབ་པའི་ལུས་འགྱུར་རབས་ཕྱི་མར་བརྒྱུད་གཏོང་མི་ཐུབ་པའི་དཔེར་བྱ་ཁྲའི་མིག་བཀོད་ན་བྱ་ཁྲའི་མིག་ལ་ཐོབ་པའི་དངོས་པོ་དེ་གསལ་བཤད་བྱེད་རོགས། གླིང་ཆེན་བདུན་ནང་སྐམ་ས་ཡོངས་རྫོགས་འདུས་སམ་ལགས།

དྲི་བ་སོ་བདུན་པ། དྲི་འདོན་པ། དད་པའི་འོད་སྣང་།
བོད་ནང་ལྟ་བུའི་མཐོ་སྒང་ལའང་འཚོ་དབུགས་མང་ཉུང་ཡོད་རེད་དམ་མ་རེད་ལགས། འཚོ་དབུགས་མང་ཉུང་ལ་བརྟེན་ནས་ན་རྒྱུ་མང་ཉུང་དང་ལུས་པོའི་བདེ་ཐང་ཙམ་ལ་འགྱུར་བ་ཡོང་རེད་དམ་མ་རེད་ལགས།
དྲི་བ་སོ་བརྒྱད་པ། དྲི་འདོན་པ། མཁའ་ཉི་གཞོན།
དེང་རབས་ཚན་རིག་སྨྲ་བ་མང་ཆེ་བས་འཇིག་རྟེན་ལྟ་ཚུལ་བརྗོད་སྐབས། འདས་པའི་ལོ་ངོ་དུང་ཕྱུར་༡༣༠-༡༥༠ཡར་སྔོན་དུ་དངོས་གཟུགས་ཤིན་ཏུ་ཆུང་ཞིང་འདུས་ཚད་ཧ་ཅིང་དམ་པ། ཚ་ཚད་ཤིན་ཏུ་ཆེ་བའི་ཁྱད་ཆོས་གསུམ་ལྡན་གྱི་དངོས་གཟུགས་ཤིག་ལ་འབར་གས་ཆེན་པོ་བྱུང་བར་བརྟེན་ཏེ། འཇིག་རྟེན་གྲུབ་ཚུལ་གསུངས་ཡོད་ནའང་ང་རང་ལ་མཚོན་ན་རྩ་བའི་ཆ་ནས་འབར་གས་ཆེན་མོ་བྱུང་བའི་རྒྱུ་རྐྱེན་གང་ཡིན་དང་། དེ་ལ་བརྟེན་ནས་འཇིག་རྟེན་འདི་ཇི་ལྟར་གྲུབ་པའི་གནས་ཚུལ་ལ་ངེས་རྟོགས་གསལ་བོ་ཞིག་སྐྱེ་ཐུབ་མ་སོང་བས་བཀའ་ལན་གསལ་བོ་ཞིག་གནང་རོགས།

སྒྲ་སྒམ་ཚན་པ་བདུན་པ།

དྲི་བ་སོ་དགུ་པ། དྲི་འདོན་པ། མཁའ་ཉི་གཞོན།
ཕྲ་ཕུང་ཟེར་བ་འདི་ལ་དོན་དངོས་སེམས་ལྡན་ཞིག་ཡོད་དམ་མེད། མེད་ན་ནད་འབུའི་ངོ་བོར་གྱུར་བའི་ཕྲ་ཕུང་དེ་ཚོ་ཇི་ལྟར་འགྲེལ་དགོས། ཡོད་ན་ཕྲ་ཕུང་འདུས་རྡུལ་ལས་གྲུབ་ཅེས་པའི་གསུང་ཚུལ་འདི་གང་ཡིན་ལགས།

དྲི་བ་བཞི་བཅུ་པ་དང་ཞེ་གཅིག་པ། དྲི་འདོན་པ། ཤར་ཁྲི་གདུགས།
དྲི་བ་དང་པོ༽དེང་རབས་ཚན་རིག་པས་འོད་ལས་མགྱོགས་པའི་དངོས་པོ་ཞིག་མེད་པར་འདོད་ན། བར་ཐག་ཧ་ཅང་རིང་བའི་རྒྱལ་ཁབ་ཕན་ཚུན་དབར་ཁ་པར་འཐུད་སྐབས་སྐད་སྒྲ་དེ་འོད་ལམ་ནས་འགྲོ་ཐབ་མེད་པས། རྡུལ་ཕྲན་གྱི་ནུས་པ་ཞིག་གམ་ཡང་ན་གང་ཞིག་བརྒྱུད་ནས་འགྲོ་གི་ཡོད། དྲི་བ་གཉིས་པ༽བོད་ནས་སྐད་ཆ་བཤད་པ་དང་དུས་མཉམ་དུ་ཨ་རི་ལ་གོ་འམ།ཡང་ན་གཞན་ཞིག།

དྲི་བ་ཞེ་གཉིས་པ། དྲི་འདོན་པ། ཉི་འབུམ་དར་ཡག
དྲི་བ། སྐར་མདའ་ཟེར་ན་ག་རི་རེད་དེའི་རྒྱུ་དང་ག་བ་ནས་ཡོང་མིན།

དྲི་བ་ཞེ་གསུམ་པ། དྲི་འདོན་པ། གླིང་གདོང་ནག
Green houses gases, ཀྱིས་ཚར་གྲང་མཉམ་པོ་བྱེད་ཀྱིན་ཡོད་ན། གནམ་གཤིས་དྲོ་གྲང་གང་འདྲ་བྱས་ནས་འབྱུང་གི་ཡོད་དམ།

དྲི་བ་ཞེ་བཞི་པ། དྲི་འདོན་པ། ཀླུ་ཐང་ཆུ་སྐྱེས།
དངོས་གཙོ་སྨྲ་བ་དང་དངོས་ཁམས་རིག་པ་བ་གཉིས་འདྲའམ། དེ་བཞིན་དུ་སེམས་གཙོ་སྨྲ་བ་དང་སེམས་ཁམས་རིག་པ་བདང་གཉིས་འདྲའམ། དེ་གཉིས་སོ་སོར་འཇོག་སྟངས་དང་དེའི་དོན་ཁ་གསལ་གོ་བདེ་རེ་གསུངས་རོགས།

དྲི་བ་ཞེ་ལྔ་བ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
གློག་ཁུར་ཞེས་པ་ཕོ་དང་མོ་ཡི་ཁུར་ལ་ཟེར་བ་ཞིག་ཤེས་ཡོད། འོན་ཀྱང་དེས་དོན་གྱི་གོ་བ་ཞིག་ནམ་ཡང་རག་གི་མི་འདུག་པས་ཡང་སྙིང་གློག་ཁུར་ཟེར་བ་ཅི་རེད། ནུས་པའི་ཁ་འཁོར་ཕྱོགས་ཀྱི་ཁྱད་པར་ཞིག་ཡིན་ནམ་གཞན་ཞིག་ཡིན།

སྒྲ་སྒམ་ཚན་པ་བརྒྱད་པ།

དྲི་བ་ཞེ་དྲུག་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
ཁོག་རྡུལ་གྱི་གྱེན་ཁོག་ཐུར་ཁོག་སོགས་ཀྱི་རྣམ་གཞག་ཇི་ལྟར་བྱས།
དྲི་བ་ཞེ་བདུན་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
ཕོ་རྡུལ་༧༩་ཅན་གྱི་གསེར་མཁྲེགས་གཟུགས་ཡིན་ལ། ༨༠་ཅན་གྱི་དངུལ་ཆུ་གཤེར་གཟུགས་ཅིའི་ཕྱིར་ཆགས། ཡང་ན་ཆུ་ཅིའི་ཕྱིར་བཤེར་གཟུགས་དང་ཚ་ཅིའི་ཕྱིར་མཁྲེགས་པོར་གྱུར།

དྲི་བ་ཞེ་བརྒྱད་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
བྷོར་གྱི་དཔེ་གཟུགས་ལྟར་གྱི་མོ་རྡུལ་ལ་ནུས་པ་ཆེ་ཆུང་ཇི་ལྟར་བཤད་པ་རེད།

དྲི་བ་ཞེ་དགུ་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
འོད་དང་རླབས་གཉིས་ངོ་བོ་གཅིག་ཡིན་པར་ཟེར་བ་ལ་གོ་བ་ཇི་ལྟར་ལེན།

དྲི་བ་ལྔ་བཅུ་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
ཚ་རླུང་གིས་ཡང་རླུང་ཞིག་མནའ་མར་བླངས་བའི་དངོས་པོ་མང་པོ་ཡོད་དགོས་ངེས།
ཡོད་ན་དེ་གང་རེད།

སྒྲ་སྒམ་ཚན་པ་དགུ་པ།

དྲི་བ་ལྔ་གཅིག་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
མཉམ་སྤྱོད་དང་གྱེས་རྡུལ་ཞེས་པ་ལྟོས་འཇོག་མ་ཡིན་འདྲ་ཞིག་གོ་སོང་བས་དེའི་གོ་དོན་ཁ་གསལ་ཞིག་གསུང་རོགས།

དྲི་བ་ང་གཉིས་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
ནིའུ་ཊོན་གྱི་གཏན་ཁྲིམས་གཉིས་པ་ལྟར་ན་བྱ་བ་གང་ཡང་བྱེད་མི་ཐུབ་པར་འགྱུར་བ་ལྟར་སྣང་། དེ་ཡང་འགུལ་སྐྱོད་ཐམས་ཅད་ལ་ལྡོག་ཕྱོགས་ནས་ནུས་ཤུགས་གཅིག་མཚུངས་ཡོང་གི་ཡོད་ན་ང་ཚོས་ལག་པ་གྱེན་དུ་འགྱོགས་པ་ཡང་མི་ཐུབ་པར་མི་འགྱུར་རམ། གང་ལགས་ཤེ་ན་གྱེན་དུ་འགྱོགས་པ་ལ་ཐུར་དུ་གནོན་པའི་ནུས་ཤུགས་གཅིག་མཚུངས་ཤིག་ཡོད་པ་མིན་ནམ།

དྲི་བ་ང་གསུམ་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
དྲག་ཤུགས་དང་ཞན་ཤུགས་གཉིས་ཡོད་པ་ཇི་ལྟར་རྟོགས་ཁ་གསལ་ཞིག་གསུང་རོགས། རྡུལ་ཕྲན་གྱི་ནང་དུ་མ་ཡིན་པའི་ས་ན་དེ་གཉིས་ངོས་ཟིན་རྒྱུ་ཡོད་དམ། མེད་ན་དེའི་རྣམ་བཞག་ཇི་ལྟར་བྱས།

དྲི་བ་ང་བཞི་པ། དྲི་འདོན་པ། ཨ་མཆོད་འཇམ་ཚུལ།
Noble gas ཟེར་བ་ནི་གཞན་དང་ལྷན་དུ་རྫས་འགྱུར་མི་བྱེད་པའི་རླུང་གཟུགས་ཟེར་བ་ཡིན་པ་ཤེས་བྱུང་། Alkali metal དང་། alkaline earth metal དང་། metal དང་། non-metal དང་། transition metal དང་། post transition metal སོགས་ལ་གསལ་འགྲེལ་ཞིག་གནང་རོགས།

དྲི་བ་ང་ལྔ་པ། དྲི་འདོན་པ། སྲིད་པའི་མིག
ལོ་ཆེན་པོ་ཆགས་དུས་མིའི་གཟུགས་ཕུང་གང་འདྲ་བྱས་ནས་ནུས་པ་ཉམས་ཀྱི་ཡོད་རེད། མིའི་གཟུགས་ཕུང་གི་ནུས་པ་མ་ཉམས་རང་འཇག་གནས་ཐུབ་བྱེད་ཀྱི་རྫས་བཟོ་ཐུབ་མིན་ལ་ཚན་རིག་པས་ཞིབས་འཇུག་བྱེད་ཀྱི་ཡོད་མེད་སྐོར་ལ་གསུང་རོགས།

དྲི་བ་ང་དྲུག་པ། དྲི་འདོན་པ། གསེར་ཡིག
དྲི་བ། ང་ཚོ་གཞུང་ལུགས་ནང་བཤད་པའི་ཆགས་སྡང་རྨོངས་གསུམ་ཟེར་བ་དེ་ཚོ་ཚན་རིག་པའི་འདོད་དམ། དེ་ཚོ་ཁས་ལེན་ན་རྒྱུ་གང་དང་། རྐྱེན་གང་གིས་བྱུང་བ་རྗོད་ཀྱིན་ཡོད་རེད།

སྒྲ་སྒམ་ཚན་པ་བཅུ་པ།

དྲི་བ་ང་བདུན་པ། དྲི་འདོན་པ། སྟོབས་ཤུགས།
ཚན་རིག་པས་གས་འཐོར་ཆེ་མོ་དེ་རྒྱ་ཇེ་ཆེ་ནས་ཇེ་ཆེ་འགྲོ་གི་ཡོད་པ་འདོད་གི དེ་འདྲ་ཡིན་ན་གས་འཐོར་དེ་རྒྱ་ཇེ་ཆེ་འགྲོ་སའི་ཁམས་འམ་སྟོང་ཆ་དེ་ག་ཚད་འདོད་དམ།

དྲི་བ་ང་བརྒྱད་པ་དང་ང་དགུ་པ། དྲི་འདོན་པ། ཙན་དན་སྒྲོན་མེ།
དྲི་བ། ༡༽ཚན་རིག་པས་འབྱུང་བ་ཆུ་ལ་རླན་བཤེར་དང་། མེ་ལ་ཚ་བའི་ངོ་བོར་གྲུབ་དགོས་དོན་གང་བཤད་ཀྱི་ཡོད་དམ། ༢༽ཆུ་ཞིག་མེའི་ངོ་བོ་ལ་མི་འགྱུར་བའི་རྒྱུ་མཚན་གང་བཤད་ཀྱི་ཡོད་དམ།
དྲི་བ་དྲུག་ཅུ་པ། དྲི་འདོན་པ། ཚ་བློ་བཟང་།
རྒན་རབས་ཁག་ཅིག་གིས་ཤོད་སྲོལ་ལྟར་ན་ཉི་མ་འདེ་ནས་ཚ་བ་ཐུབ་མཁན་གྱི་མི་དེས་ཚེ་རིང་པོ་ཐོབ་པར་བཤད་ཀྱིན་འདུག་ཚན་རིག་གིས་དཔྱད་ན་གང་འདྲ་ཡིན་ནམ།

དྲི་བ་རེ་གཅིག་པ། དྲི་འདོན་པ། ཨཱ་ལོ་ཀེ
དྲི་བ། ཚན་རིག་པསསེམས་ཅན་དང་སེམས་མེད་སྐྱེ་དངོས་གཉིས་ཀྱི་ཁྱད་ཇི་ལྟར་འབྱེད་པ་རེད་ལགས།
དྲི་བ་རེ་གཉིས་པ། དྲི་འདོན་པ། དཔལ་བཟང་།
ཚན་རིག་པས་འདུས་རྡུལ་དེ་ཚོ་ཤུགས་ཀྱིས་མི་འཐོར་བ་བྱེད་པར་བཤད་ན། ཤུགས་ཅེས་པ་དེ་ཚན་རིག་པས་ཇི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ལགས།

དྲི་བ་རེ་གསུམ་པ། དྲི་འདོན་པ། དད་པའི་འོད་སྣང་།
ཉ་ཕིག་ཕིག་ཟེར་བ་དེ་ལ་ཀླད་པ་མེད་པ་གསུངས་སོང་བསམ་བྱུང་དེ་སེམས་ཅན་རེད་དམ་ལགས་དེ་ལ་དྲན་ཤེས་མེད་དམ་ལགས།
དྲི་བ་རེ་བཞི་པ། དྲི་འདོན་པ།རྨི་ལམ་སྐྱབས།
རྡུལ་མཚོན་དང་པོ་སུས་གསར་དུ་བཟོ་པ་རེད་ལགས།

སྒྲ་སྒམ་ཚན་བཅུ་གཅིག

དྲི་བ་རེ་ལྔ་པ། དྲི་འདོན་པ། རྨི་ལམ་སྐྱབས།
འཇིག་རྟེན་འཕུར་གྲུ་དང་པོ་སུས་གསར་གཏོད་བྱས་པ་ཡིན།

དྲི་བ་རེ་དྲུག་པ། དྲི་འདོན་པ། སྟོབས་ཤུགས།
སའི་གོ་ལའི་ལྟེ་ཉིང་ཕྱི་ནང་དང་ས་ཡོལ་རྣམས་དྲོད་ཚད་དེ་ཙམ་མཐོ་པོ་ཡིན་དུས་ང་ཚོ་གནས་སའི་ས་ཤུན་སྲབ་སྲབ་དེ་མི་ཞུ་བའི་རྒྱུ་མཚན་ཅི།

དྲི་བ་རེ་བདུན་པ། དྲི་འདོན་པ། སྟོབས་ཤུགས།
ང་ཚོའི་མཐོ་སྒང་ནས་ཞོགས་པ་སྔ་མོ་སྐྱ་རེངས་ཤར་མ་ཤར་སྐབས་ལ་ཤ་མིག་གི་མཐོང་བའི་སྐར་མ་མང་པོ་ཞིག་བརྟན་པོ་མེད་ནས་ཧ་ཅང་འོད་ཆེན་པོ་ཞིག་འཕྲོ་ནས་ས་ཡི་གོང་ལ་མར་བབ་འགྲོ་བ་ནང་བཞིན་མཐོང་ཡང་གི་འདུག་ལགས། དེ་ལ་ཚན་རིག་པས་འདོད་ཚུལ་གང་འདྲ་ཡོད་རེད་དམ། དྲི་བ་མང་སོང་ན་དགོངས་དག་ཞུ།

དྲི་བ་རེ་བརྒྱད་པ། དྲི་འདོན་པ། ཤམ་བྷ་ལའི་བུ་ཕྲུག
མ་གཞི་གློག་ཟེར་ཡ་དེ་ཇི་ལྟར་གྲུབ་མིན་དང་དེ་ལས་སྒྲ་དང་བརྙན་བྱུང་ཚུལ།

དྲི་བ་རེ་དགུ་པ།དྲི་འདོན་པ།རྫ་ཆབ་བསིལ་མ།
དྲི་བ་མི་ལ་ལས་བཤད་སྲོལ་ལྟར་ན་ཕྲུ་གུ་སྐྱེ་ཚར་བའི་ཉིན་ཤས་ནང་བུ་དང་བུ་མོའི་མཚན་མ་འགྱུར་འགྲོ་རབས་དང་་་ཡང་ལ་ལ་མཚན་མ་གཉིས་ཆར་ཡོད་རབས་བཤད་སྲོལ་འདུགདེ་ལ་ཚན་རིག་པས་བཤད་སྲོལ་གང་འདྲ་ཡོད་རེད་ལགས།

སྒྲ་སྒམ་ཚན་བཅུ་གཉིས་པ།

དྲི་བ་བདུན་ཅུ་པ། དྲི་འདོན་པ། ལྷ་ལྡོང་མཁས་གྲུབ།
སྐྱེ་དངོས་ཐམས་ཅད་ཕྲ་ཕུང་ལས་གྲུབ་པ་དང་ཕྲ་ཕུང་ནི་འབུ་ཕྲ་ཡིན་པར་བཤད་པའི་ཕྲ་ཕུང་ངམ་འབུ་ཕྲ་དེ་གང་ལ་ངོས་འཛིན་བྱེད་དམ། དོན་དངོས་དེ་ནང་པའི་གཞུང་ལས་གསུངས་པའི་ཚེ་སྲོག་ཅན་དུ་ངོས་འཛིན་བྱེད་ཐུབ་བམ།

དྲི་བ་དོན་གཅིག་པ། དྲི་འདོན་པ། ལྷ་ལྡོང་མཁས་གྲུབ།
སྐྱེ་དངོས་ཐམས་ཅད་ཚེ་སྲོག་ལས་གྲུབ་པར་བརྩམས་ནས་སླར་སེམས་མེད་ཅིང་ཚེ་སྲོག་འགགས་པར་འདོད་དམ། གལ་ཏེ་སྐྱེ་ལྡན་ཐམས་ཅད་ལ་ཚེ་སྲོག་ཡོད་པར་འདོད་ཚེ་གཅེར་བུ་པའི་ལྗོན་ཤིང་ལ་ཚེ་སྲོག་ཡོད་པར་འདོད་པའི་ལྟ་བ་དང་གཞི་རྩའི་ཁྱད་པར་གང་ཡོད་དམ།

དྲི་བ་དོན་གཉིས་པ། དྲི་འདོན་པ། ལྷ་ལྡོང་མཁས་གྲུབ།
ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས་དེ་ཕྲ་ཕུང་ལས་གྲུབ་པར་འདོད་དམ། ཕྲ་ཕུང་གི་ཐོག་མའི་འབྱུང་ཁུངས་གང་ལ་ཐུག་པར་འདོད།

དྲི་བ་དོན་གསུམ་པ། དྲི་འདོན་པ། ལང་ཚོ་གསར་སྨྱུག
མིང་སྲིང་འདུས་པ་ལས་སྐྱེས་པའི་ཕྲུ་གུ་ལ་སྤྱང་གྲུང་དང་རིག་སྟོབས་མེད་ཚུལ། བོད་མི་རིགས་ཀྱིས་དེ་ལ་འཛེམ་གྱི་འདུག་པས། ཚན་རིག་པས་དེ་ལ་ལྟ་ཚུལ་ག་འདྲ་ཡོད་རེད།
དྲི་བ་དོན་བཞི་པ། དྲི་འདོན་པ། ཕུག་རོན་དཀར་པོ།
ཚན་རིག་གིས་རྡུལ་རྫས་ཀྱི་སྙོམས་སྒྲིག་ལ་བརྟེན་ནས།མིའི་ཀུན་སྤྱོད་མ་རུང་བ་དང་འཇུག་འབྲས་མི་སྐྱིད་པ་སྤྲད་པའི་རིགས་རྣམས་སྟངས་འཛིན་ནམ་ཚོད་འཛིན་བྱེད་པའི་ཐབས་ལམ་དང་ནུས་པ་ཡོད་དམ་ལགས། གལ་སྲིད་དེ་མེད་དུས། དབང་རྩ་དང་ཀླད་པའི་བརྡ་ལན་ཐག་ཆོད་ཀྱི་འགྲེལ་བཤད་ཆ་མ་ཚང་བའི་སྐྱོན་རང་འབབ་རེད་ལ་ལགས།

དྲི་བ་དོན་ལྔ་བ། དྲི་འདོན་པ། བྱམས་བརྩེ་དུང་དཀར།
ལོ་ངོ་སྟོང་གི་སྔ་རོལ་ལ་སློབ་དཔོན་ཨརྱ་བྷ་ཊི་ཟེར་བའི་ནང་པའི་མཁས་པ་ཞིག་གིས་དེང་རབ་ཚན་རིག་པས་གསུང་བ་ལྟར་ཉི་མ་དབུས་ལ་གནས་ནས་ས་གོ་ལས་མཐར་ན་བསྐོར་འགྲོ་བའི་འཇིག་རྟེན་གྱི་གསང་བ་ཞིག་རྗེན་པར་སྟོན་མྱོང་ཟེར་བཤད་བའི་འདུག དེ་བཤད་མྱོང་ཡོད་ན་སློབ་དཔོན་ཁོང་གི་རྩོམ་པའི་བསྟན་བཅོས་འདྲ་ཡོད་དམ། དུས་ད་ལྟ་བར་དུ་བོད་པའི་མཁས་དབང་རྣམས་ཀྱིས་མཁས་པའི་དབང་པོ་སློབ་དེ་གླེང་ཙམ་ཡང་མེད་པར་གཏང་སྙོམས་དུ་འཇོག་དགོས་དོན་གང་ཡིན་ནམ། མཁས་དབང་ཁོང་གིས་སློབ་དཔོན་དབྱིག་གཉེན་གྱི་མཛོད་འགྲེལ་ལ་དགག་བཞག་གནང་ཡོད་དམ། མ་གཞི་སློབ་དཔོན་ཁོང་གི་བྱུང་བ་མདོ་བསྡུ་ཞིག་གསུང་བ་ཞུ།

སྒྲ་སྒམ་ཚན་པ་བཅུ་གསུམ་པ།

དྲི་བ་དོན་དྲུག་པ། དྲི་འདོན་པ། མདའ་སྣུནཔ།
དྲི་བ་ཕྲ་ཕུང་དང་ཌི་ཨེན་ཨེ་ཡི་ཞིབ་ཆའི་ངོ་སྤྲོད་དངཌི་ཨེན་ཨེ་དེ་ཡང་རྫས་འགྱུར་གྱི་དངོས་པོ་བཞི་འདུས་པ་ལས་གྲུབ་པ་བཤད། དེ་ན་དེ་དག་ངོ་བོའམ་ཕྲ་རགས་སོགས་ཇི་ལྟར་ཡིན་གསུང་གནང་རོགས།

དྲི་བ་དོན་བདུན་པ། དྲི་འདོན་པ། རོ་ལངས།
ཨང་རྩིས་ཟེར་ཟེར་བ་གང་འདྲ་རེད་ངོ་སྤྲོད་ཅིག་གནོངས་རོགས།་ ཨང་རྩིས་ཀྱི་ལམ་ནས་སེམས་ཀྱི་རྣམ་གཞག་གཏན་འབེབས་ཐུབ་བམ་ལགས།

དྲི་བ་དོན་བརྒྱད་པ། དྲི་འདོན་པ། རིགས་པའི་ཐོག་མདའ།
འཇིག་རྟེན་ནམ་སྐྱེ་དངོས་གྲུབ་ཚུལ་ཐད་ལ་ཚན་རིག་པ་དང་། ཆོས་ལུགས་པ་གཉིས་སུ་ཡིས་གསུངས་པ་བདེན་པ་རེད། [Shocked] གལ་སྲིད་ཆོས་ལུགས་རྣམ་པར་བདེན་ན།ཆོས་ལུགས་པ་གང་གིས་གསུངས་པ་བདེན་པ་རེད། [Shocked] བདེན་དཔང་གང་ཡོད་དམ།

བཀྲ་ཤིས་བདེ་ལེགས། ངས་ཆ་ཤས་བླངས་པའི་ཚན་རིག་སྤྱི་བཤད་དང་། དེ་དང་འབྲེལ་བའི་དྲི་བ་དྲིས་ལན་ཚང་མ་ཞུས་གྲུབ་ཡིན། གནས་སྐབས་རིང་བདེ་མོ། ཐུགས་རྗེ་ཆེ།

 

འཕྲུལ་དེབ་སྒྲིག་བཟོ་བ། དགེ་བཤེས་འབྱོར་མཆོག་གིས།༢༠༡༨/༡༡/༧/ཉིན་ལ་སྤེལ། །